བོད་རིགས་གཞོན་སྐྱེས་འདུ་འཛོམས་ཀྱི་གཏམ་བཤད་གསལ་བསྒྲགས།

རིང་མིན་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ཕྱི་དྲོའི་ཕྱག་ཚོད། 1:30-4:00 བར་འདི་ག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་Silicon Valley ནས་ཆེས་སྙན་གྲགས་ཆེ་བའི་འཕྲུལ་ཆས་ཀྱི་བཟོ་ཚོང་ནང་དུ་ཕྱག་ལས་གནང་བཞིན་པ་བོད་རིགས་གཞོན་སྐྱེས་ཆེད་ལས་པ་ལྔ་གདན་ཞུས་ཐོག ཁོང་རྣམ་པའི་འདས་པའི་བཟོ་ཚོང་ཁང་དུ་ག་འདྲ་འཛུལ་ཞུགས་གནང་ཡོད་མེད་དང་། ད་ལྟའི་ལས་ཀའི་ངོ་བོ། མ་འོང་བོད་རིགས་གཞོན་སྐྱེས་འཛུལ་ཞུགས་གནང་འདོད་ཡོད་རིགས་ག་འདྲའི་འཛུལ་ཞུགས་གནང་དགོས་མིན་སོགས་ཀྱི་ལམ་སྟོན། ལས་ཀའི་ཉམས་མྱོང་སོགས་བརྗོད་གཞི་འདིའི་ཐོག་ཏུ་གཏམ་བཤད་གནང་རྒྱུ་ལགས་ན། བོད་རིགས་མི་མང་དང་ལྷག་པར་དུ་བོད་རིགས་གཞོན་སྐྱེས་གང་མང་མཉམ་བཞུགས་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཞོར་དུ་ཁ་ཟས་དང་ཆུ་སོགས་ཞབས་ཏོག་ཆ་ཚང་གྲ་སྒྲིག་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ།

Please join our in-person interactive session for an incredible opportunity to connect with some of the mostexperienced Tibetan professionals from leading Silicon Valley companies. Whether you're looking to grow your network or gain insights from industry experts, this is YOUR event! Refreshments and light snacks will be offered. We look forward to your participation.

PS: This event will not be live streamed. We highly encourage your in-person attendance.

Date: Sunday, August 25, 2024 Time: 1:30PM - 4PM